The Drumbeat of Golden Light – Tibetan

༄༅། །གསེར་འོད་རྔ་སྒྲ །

༄༅། །རྒྱ་གར་སྐད་དུ། སུ་བརྞ་པྲ་བྷཱ་ས་བྷེ་རཱི་ནཱ་ད་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། གསེར་འོད་རྔ་སྒྲ་ཞེས་བྱ་བའི་གཟུངས།།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།

ནུབ་གཅིག་བདག་གི་རྨི་ལམ་ན།།
སྟོང་གསུམ་ཐམས་ཅད་རྔ་སྒྲས་གང་།།
དེ་དག་ཐམས་ཅད་གསེར་རྔ་སྟེ།།
ཀུན་ཀྱང་རྔ་སྒྲ་འུར་རུ་རུ།།

རྔ་སྒྲ་དེ་ལ་ཕར་ཉན་པས།།
རྔ་དབྱངས་སྣ་ཚོགས་བསྒྱུར་ཞིང་འབར།།
རྔ་འོད་འབར་བ་ཉིན་བཞིན་འཆར།།
རྔ་སྒྲ་ཆེན་པོས་སྟོང་གསུམ་གཡོས།།

གནམ་ས་ཀུན་ཀྱང་འགུལ་ཞིང་ལྡེག །
མཚོ་ཆེན་ཀུན་ཀྱང་འཁྲུག་ཅིང་རྙོག །
རི་རབ་ཀུན་ཀྱང་སྙིལ་ཞིང་འཇིག །
ཀླུ་ཕྲུག་ཀུན་ཀྱང་ཉམས་མི་བདེ།།
བར་སྣང་ཀུན་ཀྱང་རབ་ཏུ་འཁྲུག །

དེ་ལྟར་རྔ་འོད་རྣར་མཉན་པས།།
ཇི་ལྟར་མཐུ་ཆེན་གཡུལ་གཡོ་བ།།
འཇིག་རྟེན་མགོན་པོ་སུ་ཡི་མཐུ།།

ཕྱོགས་བཅུའི་ཁམས་སུ་ཕར་བལྟས་པས།།
ཁམས་གསུམ་དེ་དག་ཐམས་ཅད་ན།།
སཱ་ལའི་ཤིང་དྲུང་རེ་རེ་ན།།
རིན་ཆེན་སྟེགས་བུ་མཐོ་ཚད་དུ།།
བཙུན་པ་སངས་རྒྱས་རེ་རེ་བཞུགས།།
དེ་བཞིན་སཱ་ལའི་ཡལ་ག་ལ།།
བཙུན་པ་སངས་རྒྱས་རེ་རེ་བཞུགས།།
སངས་རྒྱས་རེ་རེའི་ཞབས་དྲུང་ན།།
བྱང་ཆུབ་སེམས་དཔའ་འཁོར་དང་བཅས།།

གནམ་གྱི་མེ་ཏོག་ཆར་བཞིན་འབབ།།
གནམ་ས་རིམ་པའི་ལྷ་ཀུན་གྱིས།།
ཚིག་བཟང་སྙན་པོ་དུ་མས་བསྟོད།།

དེ་དག་སངས་རྒྱས་ཐམས་ཅད་ཀྱིས།།
ཚིག་བཞིན་མཚུངས་པར་གསུང་ཕྱུང་བ།།
གསང་སྔགས་རྔ་སྒྲ་འདི་དག་སྨྲས།།

གསེར་འོད་དམ་པ་རྔ་སྒྲའི་གཟུངས་ལ།།

ཏདྱ་ཐཱ། བྷུ་ག་ན་མ་ནོར་ཐེ། དུ་ཧུ་དུ་ཧུ། ཡ་མད་ཙ་ནྡྲ་སཱུརྱ་ཨ་བཱ་བྷཱ་ས་ཏེ། ཡ་བད་ཙ་ནྡྲ་དཽ་དནྟེ་བཾ། ཀ་རཀྵ་མནྡ་ནྟ་པ་ར་མ་ཀུ་རུ་སྭཱཧཱ།

སངས་རྒྱས་བཅོམ་ལྡན་འདས་གསེར་འོད་དམ་པ་ལ་ཕྱག་འཚལ་ལོ།།

ཏདྱ་ཐཱ། ཨུཏྟོ་ལི། ཙི་རི་ཙི་རི། ཨུཏྟོ་རི། ཏོ་ར་ན་མ། ཤནྟོ་ཤནྟོ། ཨུཏྟོ་ལི། ཧུ་ལུ་ཧུ་ལུ་སྭཱཧཱ།

མི་དང་། མི་མ་ཡིན་པ་དང་། རྒྱལ་པོ་ལ་སོགས་པ་ཟློག་པར་འགྱུར་རོ།།

གཟུངས་ལ།

ཏདྱ་ཐཱ། དནྟི་ཐེ་གེ། ཀ་ར་ཐཱི། ཀཽ་ར་ཐཱི། ཀེ་ཡུ་རེ་དནྟི་ལ་སྭཱཧཱ།

བཅོམ་ལྡན་འདས་གསེར་འོད་དམ་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ།།

གཟུངས་ལ།

དདྱ་ཐཱ། ཤི་རི་ཤི་རི། དི་མི་དི་མི། དི་མི་དི་མི་ནི། ཤི་རི་ཤི་རི་ནི། ད་རི་ད་རི་ནི། བི་ཤ་ལ་བི་ཤ་ལ། པ་ཤ་ནི་པ་ཤ་ནི་བ་རེ་སྭཱཧཱ།

སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།།

གཟུངས་ལ།

དདྱ་ཐཱ། ཧི་རི་ཧི་རི་ནི། ཙི་རི་ཙི་རི་ནི། །ཀ་རི་མ་མ་ནི། སྨ་པ་སུ་ནི། ཛཾ་བྷ་ནི་སི་སྟཾ་བྷ་ནི། མཧཱ་ནི་ས་ཡ་ས་བུ་ཀ་སྭཱཧཱ།

རྒྱལ་པོ་དང་། བར་དུ་གཅོད་པ་ཐམས་ཅད་ཟློག་པར་འགྱུར་རོ།།

ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧཱུྃ།
རཱ་ཛ་ཀྲོ་དྷ་ཨཾ་ཀུ་ཤ་ཛ་ཛ།
ཨོཾ་བཛྲ་པཱ་ཎི་ཧཱུྃ།
ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་སི་ཏི་ཨ་མྲྀ་ཏ་ཧཱུྃ་ཕཊ་ཕཊ།
ཨོཾ་བཛྲ་བུ་རུ་ལུ་བུ་རུ་ལུ་ཧཱུྃ།
ཨོཾ་བཛྲ་རཀྵ་རཱ་ཛ་དུམ་བུ་དུམ་བུ་བཅིང་། །
ཐུམྨ་ལེ་ཐུམྨ་ལེ་རཱ་ཛ་བྷྱོ་ཛ་ཛ།
ཨོཾ་བཛྲ་ཡཀྵ་རཱ་ཛ་ཙིཏྟ་ཟུངས། །
ཁ་ར་གརྨ་ཤ་རྦད་རྦད། །
ག་ཎ་དུམ་བུ་ཤིག །
དྷ་ན་ར་རཀྵ་ཙིཏྟ་ཕྱུང་རྦད། །
ཟློག་ན་རཱ་ཛ་ཙིཏྟ་རྦད། །
གཏུབས་གཏུབས་རཱ་ཛ་ཙིཏྟ་གཏུབས། །
ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ་ཧཱུྃ་ཕཊ།
གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ།
གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ་ཧཱུྃ་ཕཊ།
ཨཱ་ན་ཡ་ཧོ་བྷ་ག་ཝཱན།
བིདྱཱ་རཱ་ཛ་ཧཱུྃ་ཕཊ།
ཨོཾ་རཀྵ་ནན། ཙཀྲ་ནན། འབྱུང་པོ་ལ་ཤྭ་ནན།
སུ་མ་ཏ་རཀྵ་ནན། དམ་སྲི་ཐཽ་ནན།

གནོད་ཚབས་ཆེ་ན་འདོན་པར་གསུངས།།
གནོད་མེད་རྣམས་ལ་བཏོན་གྱུར་ན།།
རྣམ་སྨིན་འབྲས་བུ་རང་ལ་འབྱུང་།།

གཟུངས་འདི་འདོན་པར་བྱའོ།།

ན་མོ་རཏྣ་ཏྲ་ཡཱ་ཡ། ཀྲ་ད་ཀྲི་ཀུ་ཏི་ཀུ་ཏི་ནི། ཨི་རི་མི་ཏི། ཀོ་ཤ་ནི། །ཨི་མི་ནི་ནི། ཨ་ནི་ལི་སྭཱཧཱ། ཨོཾ་སེ་ནཱ་ཏྲ་ཡ་ཏནྟྲི་ཀ་ནན། ཨེ་ཧུར་ཐུམས་ཛ་མ་ར་ཡ་རྦད།

རྒྱལ་པོ་དང་། གནོད་བྱེད་ཀྱི་གདོན་རྣམས་ཀྱི་མགོ་འགས་པར་འགྱུར་རོ།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
བྱོལ་སོང་ཁམས་ཀྱི་སེམས་ཅན་ཀུན།།
མི་དྲན་ངན་པའི་སེམས་བོར་ཏེ།།
ཤེས་རབ་ཉི་མ་འཆར་བར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཡི་དྭགས་ཁམས་ཀྱི་སེམས་ཅན་ཀུན།།
ཉོན་མོངས་སྣ་ཚོགས་བྱེད་པ་དག།།
ཡི་དྭགས་བདུད་རྩི་ཐོབ་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སྲེག་ཅིང་བཙོ་བའི་སེམས་ཅན་ཀུན།།
ཟིལ་དངར་བསིལ་བའི་ཆར་བབས་ཏེ།།
ཉོན་མོངས་དེ་ཀུན་རང་ཞི་ནས།།
བླ་མེད་གནས་སུ་ཕྱིན་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཆགས་ཤིང་སྲེད་པའི་སེམས་ཅན་ཀུན།།
ཤེས་རབ་ཉི་མའི་འོད་བྱུང་སྟེ།།
ཉོན་མོངས་ཐམས་ཅད་ཞི་བར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
བཅད་ཅིང་གཏུབས་པའི་སེམས་ཅན་ཀུན།།
བཅད་གཏུབས་ཐམས་ཅད་ཞི་གྱུར་ཏེ།།
བདུད་རྩི་བཏབ་ཅིང་སོས་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཐིག་ནག་བཏབ་པའི་སེམས་ཅན་ཀུན།།
ཉོན་མོངས་སྣ་ཚོགས་ཡོངས་ཞི་སྟེ།།
བླ་མེད་རྒྱས་པའི་སྐྱིད་སྤྱོད་ཤོག།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
མུན་ནག་འཁོད་པའི་སེམས་ཅན་ཀུན།།
ཡིད་བཞིན་རིན་ཆེན་འོད་བྱུང་སྟེ།།
ཉེས་སྡིག་ལེགས་ཉེས་མཐོང་བར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ལྕགས་སྡོང་འཛེག་པའི་སེམས་ཅན་ཀུན།།
མི་བདེ་ཐམས་ཅད་ཡོངས་བྲལ་ཏེ།།
བྱང་ཆུབ་ཤིང་ལ་འཛེག་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
མཚོན་གྱི་ཆར་འབེབས་སེམས་ཅན་ཀུན།།
ཆོས་ཀྱི་ཡུལ་ཁམས་འདིར་སྐྱེས་ཏེ།།
བསིལ་དངར་ཆོས་ཀྱིས་སྣུམ་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
འཁོར་བ་དེ་དག་ཐམས་ཅད་ལས།།
ཀུན་ཀྱང་འཇིག་རྟེན་ལས་འདས་པ།།
ཁམས་གསུམ་ནང་ན་བཙུན་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སྟོང་གསུམ་ཁམས་ཀྱི་སེམས་ཅན་དང་།།
དེ་བཞིན་མཐའ་མེད་སེམས་ཅན་རྣམས།།
གཤིན་རྗེའི་ཁམས་ཀྱི་མྱ་ངན་དང་།།
ངན་པར་འགྲོ་བའི་མྱ་ངན་དང་།།
དབུལ་བོར་འགྲོ་བའི་མྱ་ངན་དང་།།
འཇིག་རྟེན་ཁམས་ཀུན་ཞི་བར་ཤོག།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་འཇིགས་པའི་སྐྱབས་བྱས་ཏེ།།
ཁམས་གསུམ་མྱ་ངན་གདུང་བ་དང་།།
བྱང་ཆུབ་སངས་རྒྱས་ཐུགས་རྗེ་ཡིས།།
བསིལ་དང་འཇམ་པའི་ཆར་ཕབ་སྟེ།།
ཉོན་མོངས་ཀུན་ཀྱང་བདེ་བར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
བགེགས་ཀྱི་ངན་སེམས་ཀུན་ཞི་ནས།།
སངས་རྒྱས་བྱང་ཆུབ་མྱུར་ཐོབ་སྟེ།།
མགོན་པོའི་ཆོས་ཀུན་ཐོབ་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
མཐའ་འཁོབ་སྐྱེ་བའི་སྐལ་དམན་ཀུན།།
ཡུལ་གྱི་དབུས་སྐྱེས་ཟིན་པ་དེས།།
ཆོས་བྱེད་རྒྱལ་པོར་འཕྲད་པར་ཤོག །
སྡིག་ཅན་སྙིང་རྗེ་ཕྱི་མ་ཐོབ།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
འོན་ལྐུགས་གླེན་པའི་སེམས་ཅན་དག །
དེ་དག་བགེགས་ཡུལ་གར་སྐྱེས་ཀྱང་།།
ཤེས་རབ་བྱང་ཆུབ་སེམས་ཐོབ་སྟེ།།
བླ་མེད་ཡང་དག་གནས་སུ་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
དམུས་ལོང་འཐོམས་པའི་སེམས་ཅན་ཀུན།།
སྣང་གསར་ཆོས་ཀྱི་ལམ་གྲུབ་ནས།།
ཆོས་མིག་གཙང་དང་འཕྲད་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཡོད་པར་ལྟ་བའི་མི་དག་ཀུན།།
དྲན་འཛིན་རང་སེམས་མ་གཡོས་ཏེ།།
བཤེས་གཉེན་བྱང་ཆུབ་སེམས་འགྲོགས་ཤིང་།།
དོན་ཀུན་དགེ་བ་བྱེད་པར་ཤོག།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
མཐོ་རིས་བཙུན་པའི་སར་སྐྱེས་དང་།།
མཐོ་བཙུན་སྐྱེས་པའི་སེམས་ཅན་དག །
སྒྲིབ་པ་དེ་དག་ཀུན་བསལ་ཏེ།།
བླ་མེད་ཆོས་ཀྱི་ཞི་བ་ཐོབ།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཁམས་གསུམ་བཙོན་ར་ཡོངས་བྲལ་ཏེ།།
འཁོར་བའི་མྱ་ངན་རྒྱུན་ཀུན་བཤིག །
བདུད་ཀྱི་སྡེ་ཀུན་བཤིག་བྲལ་ཏེ།།
བླ་མེད་ཡང་དག་གནས་སུ་ཤོག།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་ཐམས་ཅད་ཐོས་སོ་ཅོག །
བྱང་སེམས་སྙིང་རྗེ་མ་གཡོས་ཏེ།།
ཀུན་ལ་ཁྱབ་པའི་བརྩེ་བ་ཡིས།།
འཇིག་རྟེན་ཕ་མ་བྱེད་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་ཐམས་ཅད་ཐོས་སོ་ཅོག །
བླ་མའི་བཀའ་བཞིན་བྱེད་པ་དང་།།
སེང་གེའི་སྒྲ་དབྱངས་འབྱིན་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་ཐམས་ཅད་ཐོས་སོ་ཅོག །
གྲངས་མེད་སྡིག་ལྕི་ལ་སོགས་པ།།
ཐེངས་གཅིག་ཐོས་པས་ཀུན་བྱང་སྟེ།།
བླ་མེད་ཡང་དག་གནས་སུ་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
དུག་གསུམ་སྤྱོད་པའི་སེམས་ཅན་དག །
བྱང་ཆུབ་སྤྱོད་པའི་ཐབས་ལེགས་ཏེ།།
ཁམས་གསུམ་སྙིང་རྗེ་ཆར་བཞིན་འབེབས།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ལྷ་ཕྲན་ཁམས་ཀྱི་སེམས་ཅན་ཀུན།།
རྒྱགས་དྲེགས་དྲག་པོའི་སེམས་བོར་ཏེ།།
ང་རྒྱལ་བཏང་སྙོམས་གླགས་རྙེད་པས།།
འདྲེས་རྟོག་ཏིང་འཛིན་མི་གཡོ་སྤྱོད།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
མི་ཡུལ་ཁམས་ཀྱི་བཙན་ཕྱུག་དག །
འདོད་པ་ལྔ་ཡི་སེམས་བོར་ཏེ།།
སྡོམ་པ་གསུམ་གྱི་ཆོས་ལ་སྤྱོད།།
མྱ་ངན་རྒྱ་མཚོ་ཞིག་པར་ཤོག །

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་ཉོན་མོངས་མེད་པར་བྱེད།།
སྡུག་བསྔལ་གསུམ་གྱི་མདུད་པ་བཅད།།
ཁམས་གསུམ་བཙོན་ར་འདྲ་བས་ན།།
དེ་ཕྱིར་ཁྱོད་མིང་འཇིག་རྟེན་མགོན།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
བདུད་སྡེ་ལོག་པའི་ཁམས་ཀུན་ཞི།།
ལྔ་ཕུང་བུམ་པ་ཁྱོད་ཀྱིས་བཤིག །
དེ་ཕྱིར་ཁྱོད་མིང་བཅོམ་ལྡན་འདས།།

ཁྱོད་ཀྱི་མེ་ལོང་ཡེ་ཤེས་ཀྱིས།།
མ་ཤེས་མི་མཐོང་ཡེ་ནས་མེད།།
དེ་ཕྱིར་ཁྱོད་མིང་ཐམས་ཅད་མཁྱེན།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཁྱོད་ལ་མི་ཉན་གཅིག་ཀྱང་མེད།།
ཐོས་སོ་ཅོག་གིས་བསོད་ནམས་འཐོབ།།
བྱེད་རྒྱུ་ཀུན་ཀྱང་རྒྱལ་བའི་ཆོས།།
དེ་ཕྱིར་ཁྱོད་མིང་སེང་གེའི་བུ།།

ཤིང་དྲུང་རྒྱལ་པོར་འདུག་པ་སྟེ།།
བདུད་བཞི་སྡེར་བཅས་བཏུལ་བས་ན།།
དཔའ་བར་འགྲོ་བ་ཁྱོད་ཡིན་ནོ།།
དེ་ཕྱིར་ཁྱོད་ནི་རྒྱལ་བ་ཡིན།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་མང་བོ་ཁྱོད་ཀྱིས་དྲངས།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སེམས་ཅན་ཉོན་མོངས་ཁྱོད་ཀྱིས་བོར།།
དེ་ཕྱིར་མཚམས་མེད་ཁྱོད་ལ་བསྟོད།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
གཟུགས་དང་མིང་དང་གཟུགས་སོགས་པས།།
མཐའ་ཡས་གར་ཡང་ཁྱབ་པའི་ལུས།།
བལྟར་མེད་ཁྱོད་ལ་ཕྱག་འཚལ་ལོ།།

ལྔ་ཕུང་གཟུགས་ཀུན་ཁྱོད་ཀྱིས་བོར།།
རྟག་མང་ཁྱོད་ལ་ཕྱག་འཚལ་ལོ།།

ཆོས་ཀྱི་རང་བཞིན་དབྱིངས་མེད་པས།།
ཐོས་སོ་ཅོག་གི་བཤད་པ་མེད།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
དབྱེར་མེད་རྟག་ཏུ་ཁྱོད་བྲལ་བས།།
བརྟག་མེད་ཀུན་ཀྱང་ཁྱོད་ཀྱི་ལུས།།
རྟོག་མེད་དེ་ལ་ཕྱག་འཚལ་ལོ།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
ཆོས་ཀྱི་ས་བོན་བཏབ་མེད་དོ།།
ཆོས་ཐོས་གཅིག་ལ་སྐྱེ་བ་མེད།།
སྙིང་རྗེ་བས་ནི་ཀུན་ལ་བྱམས།།
དེ་ཕྱིར་ཁྱོད་མིང་འཇིག་རྟེན་མགོན།།

གསེར་འོད་དམ་པའི་རྔ་སྒྲ་འདིས།།
སྙིང་རྗེ་བས་ནི་ཀུན་ལ་བྱམས།།
ཁྱོད་ཀྱིས་ཁམས་གསུམ་བཏུལ་ནས་ཀྱང་།།
སྡུག་བསྔལ་ཀུན་གྱི་སྐྱབས་གྱུར་ཤོག །

དེ་ཕྱིར་སེམས་ཅན་ཕ་ཞེས་བྱ།།
བགེགས་ཀྱི་གནོད་པ་ཞི་གྱུར་ཅིག །

ཅེས་གསུངས་སོ།།

དུརྟྲི་པྲ་མ་རྦད་རཱ་ཛ་ཚལྤ་ཏིཥྛ་ཏྲཽ་ཙིཏྟ་རྣི་རཱ་ཛ་དུ་ར་སྙིང་ལ་རྦད།
དུནྟིར་དམེ་མོ་བཱནྟ་ཡ།
ཤེལ་གྱི་སྲོག་རྩ་མ་ར་ཡ་རྦད།
ཨ་ཡ་མ་དུ་རཱ་ཛ་ཤ་ན་ཤ་ཡ་མ་འབྱུང་པོ་ནན།

གསེར་འོད་དམ་པའི་རྔ་སྒྲ་ཞེས་བྱ་བའི་གཟུངས་རྫོགས་སོ། །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།། །།

ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྙིགས་མའི་དུས་སུ་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་དང་། ལྷ་སྲིན་སྡེ་བརྒྱད་གནོད་འཚེ་བྱེད་པ་དང་ཁྱད་པར་སྙིགས་མའི་དུས་སུ་རྒྱལ་པོ་གདོན་དུ་ལྡང་བས་དེའི་གཉའ་གནོན་དུ་མཛད་དོ།།

བསམ་ཡས་ཀྱི་དབུ་རྩེ་ཁམས་གསུམ་ཟངས་ཁང་གླིང་གི་སྒོ་ཁང་བྱང་ངོས་སུ་གཏེར་དུ་སྦས་པ། དུས་ཕྱིས་མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་བཏོན་ཏེ། སྡེ་བརྒྱད་དང་རྒྱལ་པོས་ཉེན་པ་རྣམས་ལ་འགྲོ་དོན་དུ་སྤེལ་བ་ལགས་སོ།། འདི་ཤིན་ཏུ་བཀའ་གཉན་པས་གང་གི་ཁྱིམ་ན་བཞུགས་པ་ཙམ་གྱིས། རྒྱལ་པོ་ལ་སོགས་པའི་གདོན་གྱིས་གླགས་ལྟ་བར་མི་ནུས་སོ།།

ཚར་གསུམ་པས་མང་བསྒྲགས་ན། ལྷ་སྲིན་སྡེ་བརྒྱད་དང་། ཁྱད་པར་རྒྱལ་བོ་ལ་སོགས་པའི་གདོན་རྣམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་གསུང་ངོ་།། འདི་ཤིན་ཏུ་བཀའ་གཉན་པ་དང་དཀོན་པའི་ཆོས་ལགས་སོ།། ས་མ་ཡ་རྒྱ་རྒྱ།།

[pdf]
[epub]
[mobi]
[print]